środa, 5 grudnia 2018

(299) Szkółka: Znaczenie językowe skażonego

Jeśli coś zawiera się w którymś z sześciu otworów skażeń (zag pa'i sgo drug), jest nazywane skażonym (zag bcas).

W sześciu otworach (sgo drug):
(1) osobowość skażenia (zag pa'i bdag nyid) 
      to namiętności zasadnicze (rtsa nyon) i namiętności bliskie (nye nyon);
(2) związanie z tym skażeniem (zag pa de dang 'brel ba)  
      to namiętności (nyon mongs) 
      i współwystępujące pierwiastki duchowe  
      (lhan cig 'byung ba'i sems 'byung);
(3) opętanie nim (des bcing ba) to prawości skażone (dge ba zag bcas);
(4) naśladowanie go (de'i rjes su 'brang ba) to sumienie (kun gzhi)  
      z nasionami namiętności (nyon mongs pa'i sa bon) i tak dalej;
(5) upodobnienie się do niego (de'i rjes su mthun pa)  
      to sposoby skupiania się na namiętnościach  
      (nyon mongs pa'i dmigs tshul);
(6) pochodzenie z jego przyczyny (de'i rgyu las byung ba) 
      to skupiska (phung po) z ich smutkami (sdug bsngal).

Tak powiedziano w Wyjaśnieniu „Skarbca” (mDzod 'grel) Czcigodnego Pana (rJe Rin po che) [tj. Sieraba Dzialcena (Shes rab rGyal mtshan), 1356–1415].

Uwaga. Pierwszy z tych otworów bywa też nazywany istotą skażenia (zag pa'i ngo bo).

Nazwa otwory (sgo) może być też tłumaczona jako drzwi, bramy, pośredniki.

To należy do skażonego.

poniedziałek, 3 grudnia 2018

(2) མདོ་འདུས་ལས། ལེའུ་གཉིས་པ། ཕྱི་སྣོད་ཇི་ལྟར་ཆགས་ཚུལ་བསྟན་པ།

།།དེ་ནས་སྟོན་པ་ཕུན་སུམ་ཚོགས་པ་ལས། །ཕུན་སུམ་ཚོགས་པའི་འཁོར་རྣམས་ཀྱིས། །ཕུན་སུམ་ཚོགས་པར་ཞུས་པའི་མདོ། །དེ་ཡང་ཚངས་པ་གཙུག་ཕུད་ཀྱིས། །ཀྱེ་མ་སྟོན་པ་ཐམས་ཅད་མཁྱེན། །གཤེན་རབ་མི་བོ་སྤྲུལ་པའི་སྐུ། །སྣོད་བཅུད་འཇིག་རྟེན་མཐའ་ཡས་པ། །ཅི་ལྟར་ཆགས་ཤིང་ཅི་ལྟར་གནས། །ཅི་ལྟར་འཇིག་ཅིང་ཅི་ལྟར་སྟོང་། །སྟོན་པ་ཉིད་ཀྱིས་བཤད་དུ་གསོལ། །[5]ཞེས་ཞུས་སྟོན་པས་བཀའ་བསྩལ་བ། །ཨེ་མ་ཚངས་པ་གཙུག་ཕུད་སོགས། །ཕུན་སུམ་ཚོགས་[10]པའི་འཁོར་རྣམས་ཉོན། །སྣོད་བཅུད་འཇིག་རྟེན་མཐའ་ཡས་ཏེ། །ནམ་མཁས་ཁྱབ་ཚད་རྒྱ་དང་མཉམ། །དེ་ཡང་གླིང་བཞི་རི་རབ་ཉི་ཟླ་ལ། །འདོད་ལྷ་ཚངས་རིས་སྟོང་ལ་ནི། །སྟོང་ཆུང་སྤྱི་ཕུད་འཇིག་རྟེན་ཏེ། །དེ་ཙམ་སྟོང་ལ་སྟོང་གཉིས་པ། །སྟོང་འབྲིང་བར་མའི་འཇིག་རྟེན་ནོ། །དེ་སྟོང་སྟོང་གསུམ་ཆེན་པོའོ། །མཉམ་དུ་འཇིག་ཅིང་མཉམ་དུ་ཆགས། །དེ་ཕྱིར་སྟོང་གི་འཇིག་རྟེན་ཡིན།(དུས་མཐའ་སྐད་ཅིག་མ་ལ་ཐུག །སྐད་ཅིག་མའམ་སྐད་ཙམ་ནི། །བརྒྱ་དང་ཉི་ཤུར་སྐད་ཅིག་གཅིག །སྐད་ཅིག་དྲུག་ཅུ་ཐང་ཅིག་སྟེ། །ཐང་ཅིག་སུམ་ཅུ་ཡུད་ཅིག་སྟེ། །ཡུད་ཅིག་སུམ་ཅུ་ཞག་གཅིག་གོ །ཉིན་ཞག་སུམ་ཅུ་ཟླ་གཅིག་གོ །) །བསྐལ་པ་ཡ་ཐོག་རིང་པོ་དང་། །བར་གྱི་ཁུག་ཐུང་བཅོ་བརྒྱད་དང་། །མ་ཐོག་ཐུང་ངུར་གྱུར་པ་སྟེ། །གནས་པའི་བསྐལ་པ་ཉི་ཤུའོ། །མ་ཐོག་རིང་པོ་ཚེ་ལོ་དཔག་མེད་ཐུབ། །བར་གྱི་ཁུག་ཐུང་བཅོ་བརྒྱད་ནི། །ཚེ་ལོ་བརྒྱད་ཁྲི་ཐུབ་པ་ནས། །ཐ་མ་བཅུ་ནས་གཅིག་ལ་ཐུག །བཅུ་ནས་[11]ཡར་སྐྱེས་བརྒྱད་ཁྲིའི་བར། །ཁུག་པ་གཅིག་ཏུ་རྩི་བ་ཡི། །ཁུག་པ་བཅོ་བརྒྱད་རེ་རེ་ལ། །སྟོན་པ་དགུ་གཉིས་བཅོ་བརྒྱད་འབྱོན། །སེམས་ཅན་ལས་ཀྱི་དབང་གིས་ཀྱང་། །འཇིག་ཆགས་སྟོང་གནས་བཞི་འབྱུང་སྟེ། །འཇིག་སྟོང་ཆགས་གནས་བཞི་མཉམ་སྟེ། །བསྐལ་པ་ཉི་ཤུ་བཞི་རྣམས་ཏེ༑ ༑བར་གྱི་བསྐལ་པ་བརྒྱད་ཅུ་རྫོགས། །དེ་དག་བསྐལ་ཆེན་གཅིག་ཡིན་ནོ། །བསྐལ་ཆེན་རེ་ལ་འཇིག་པ་རེ། །མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །བསྐལ་པ་བཅུ་དགུར་བཅུད་འཇིག་གོ །བསྐལ་ཕྲན་གཅིག་ཏུ་སྣོད་འཇིག་གོ །བསྐལ་པ་ཉི་ཤུར་སྟོང་རྗེས་ལ། །སྣོད་བཅུད་འཇིག་རྟེན་ཆགས་པ་ནི། །ཕྱི་སྣོད་བར་བསྐལ་གཅིག་ཏུ་ཆགས། །ནང་བཅུད་བར་བསྐལ་བཅུ་དགུར་ཆགས། །དེ་ལ་ཕྱི་སྣོད་ཆགས་ལུགས་ནི། (གཟུགས་ཀྱི་མཐའ་ནི་ཕྲ་རབ་རྡུལ། །ཕྲ་རབ་རྡུལ་དང་རྡུལ་ཕྲན་དང་། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་ཤིག །ཤིག་ལ་ནས་བསྐྱེད་བདུན་འགྱུར་སོར། །སོར་མོ་ཉི་ཤུ་རྩ་བཞི་ཁྲུ། །ཁྲུ་བཞི་ལ་ནི་གཞུ་འདོམ་གང་། །གཞུ་འདོམ་ལྔ་བརྒྱ་རྒྱང་གྲགས་ཏེ། །དེ་བརྒྱད་དཔག་ཚད་བགྲང་བ་འོ། །) །འགྲོ་བའི་སྤྱི་ཐུན་[12]ལས་ཀྱིས་ནི། །འོད་ཀྱི་འཁོར་ལོ་རང་བསྒྱུར་ལས། །འབྱུང་བ་བཞི་བོ་རིམ་གྱིས་ཆགས། །ནམ་མཁའི་སྟོང་པས་གོ་ཕྱེ་སྟེ། །དེ་ལ་ཕྱི་སྣོད་འཇིག་རྟེན་གྱི། །འོག་གཞིར་གནས་པ་གཞི་ཡི་རླུང་། །མི་ཤིགས་རླུང་གི་དཀྱིལ་འཁོར་གྲུབ། །རླུང་རྔམས་དཔག་ཚད་ས་ཡ་དྲུག་འབུམ་སྟེ། །དེ་སྟེང་སྤྲིན་གྱི་ཕུང་པོ་ལས། །ཆར་བབས་ཆུའི་དཀྱིལ་འཁོར་ཆགས། །ཆུ་རྔམས་[6]དཔག་ཚད་འབུམ་ཕྲག་བཅུ་གཅིག་སྟེ། །དཔག་ཚད་སྟོང་ཕྲག་ཉི་ཤུ་འོ། །ཆུ་ཉིད་རླུང་གིས་དཀྲུགས་པ་ལས། །དྲོད་ལས་གསེར་གྱི་ས་གཞི་ཆགས། །རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། །ལྷག་མ་རིན་ཆེན་གསེར་དུ་གྱུར། །འཁོར་ཡུག་དག་ནི་སུམ་འགྱུར་ཡིན། །དེ་ལྟར་འབྱུང་བཞི་ཆགས་རྗེས་སུ། །འབྱུང་བ་ལྔའི་ལྷ་མོ་གྲུབ། །གཡོ་བསྐྱེད་བརྟན་དྲོ་གོ་འབྱེད་དོ། །དེ་ནས་འབྱུང་བའི་འཇིག་རྟེན་བདག །ཀླུ་རྣམས་ཅི་ལྟར་གྲུབ་ཅེ་ན། །འོད་གསལ་སྨན་པའི་རྒྱལ་པོ་ཡིན། །འབྱུང་བ་འདི་བཞིའི་སྙིང་པོ་ལས། །འཇིག་རྟེན་བདག་པོ་མཐུ་དབང་ཅན། [13]།འབྱུང་བར་སྨོན་ལམ་བཏབ་པ་ལས། །ས་ཆུ་མེ་རླུང་འབྱུང་བཞི་ལས། །ཀླུ་རྣམས་རྫུ་འཕྲུལ་ལས་ལ་སྐྱེས། །ས་ལ་རྒྱལ་རིགས་ཆུ་ལས་རྗེའུ་རིགས་འབྱུང་། །མེ་ལས་བྲམ་ཟེ་རླུང་ལས་རྨངས་རིགས་འབྱུང་། །དེ་ཚེ་རིགས་བཞི་ཀླུ་ཆེན་བརྒྱད། །དེ་སྟེང་སྤྲིན་ཆེན་བརྒྱད་དུ་ལྡིང་། །བསྐལ་པ་གཅིག་ཏུ་ཆར་བབས་པས། །རྒྱ་མཚོ་ཆེན་པོ་མཐའ་མེད་གྱུར། །དེ་ཚེ་ཀླུ་ཆེན་བརྒྱད་ཀྱིས་ནི། །རྒྱ་མཚོ་གཏིང་རྣམས་དབུས་ཉིད་དུ། །རིགས་བཞི་ཀླུ་ཆེན་བརྒྱད་ཀྱིས་ནི། །ཕོ་བྲང་གདན་ཐབས་བཅས་པ་ཡི། །སེམས་ཅན་ཆེན་པོ་གཅིག་གྱུར་ཅིག །ཅེས་སྨོན་རྒྱ་མཚོ་དྭངས་མ་ལས། །གསེར་གྱི་རུས་སྦལ་ཆེན་པོར་གྱུར། །འགོ་བོ་ལྷོ་ཕྱོགས་བསྟན་ནས་ནི། །གན་རྐྱལ་འདུག་པའི་ལྟོ་བའི་སྟེང་། །ཆུ་ཤེལ་ཁང་བ་དཔག་ཚད་ལྔ་བརྒྱ་ལ། །ཀླུ་ཡི་དེད་དཔོན་འབྱུང་བ་གྲུབ། །བརྫུས་སྐྱེས་ཀླུ་ཡི་གཞལ་ཡས་སོ། །གསེར་[14]གྱི་རུས་སྦལ་ཡན་ལག་བཞི། །དུས་བཞི་རྒྱལ་མོ་བཞིས་དབང་བས། །ནམ་ཟླ་དུས་བཞིའི་རྒྱུ་རྐྱེན་བྱེད། །ཕྱོགས་མཚམས་སྤར་ཁམས་ཆེན་པོ་བརྒྱད། །འབྱུང་ལྔ་ལོ་སྐོར་བཅུ་གཉིས་ཆད། །ལོ་ཟླ་ཞག་དང་ཟ་མ་ནི། །ཅི་ལྟར་ཆ་ནི་འབྱེད་པར་མཛད། །དེ་ནས་རི་མཚོ་གླིང་དང་ལྕགས་རི་བསྟན། །དབུས་སུ་རི་བོ་མཆོག་རབ་ནི། །ཤེལ(ཤར)དང་བེ་དུར(ལྷོ)ཟངས(ནུབ)དང་ཨིནྡྲ(བྱང་)ལྗང་། །རིན་ཆེན་སྣ་བཞི་གྲུ་བཞིར་གྲུབ། །དཔག་ཚད་བརྒྱད་ཁྲི་ཆུ་ཞེང་མཉམ། །གསེར་གྱི་རི་བདུན་རོལ་མཚོ་བདུན། །རིམ་བཞིན་ཕྱེད་ཕྱེད་བྲི་བ་འོ། །དེ་ཡང་ལྷུན་པོ་གཉའ་ཤིང་འཛིན། །གཤོལ་མདའ་འཛིན་རི་སེང་ལྡེང་ཅན། །རྟ་རྣ་རི་དང་རྣ་མདུད་ཅན། །མུ་ཁྱུད་འཛིན་རི་དེ་ནས་ནི༑ ༑གླིང་རྣམས་སྣམ་བུར་རྡོལ་བ་སྟེ། །རི་བདུན་བར་ན་རོལ་མཚོ་བདུན། (ཤ་མཆོག་མཚོ། གཉའ་མཚོ། མདའ་འཕང་མཚོ། གསེར་མཚོ། སྒྲ་སྙན་མཚོ། མཛེས་མཚོ། མུ་ཁྱུད་མཚོ།) །ལྷོ་ཕྱོགས་ཤིང་ནི་འཛམ་[15]བུས་མཚན། །འཛམ་བུའི་གླིང་ནི་སོག་ཀ་ལ། །དཔག་ཚད་དྲུག་སྟོང་ལྔ་བརྒྱ་འཁོར། །གཡོ་ལྡན་[7]ལམ་མཆོག་གླིང་ཕྲན་གཉིས། །ཤར་དུ་ལུས་འཕགས་ཟླ་གམ་དབྱིབས། །དཔག་ཚད་བདུན་སྟོང་མཐའ་སྐོར་ཡོད། །ལུས་དང་ལུས་འཕགས་གླིང་ཕྲན་ནོ། །ནུབ་ཏུ་བ་གླང་སྤྱོད་ཀྱི་གླིང་ཟླུམ་པོ། །དཔག་ཚད་བདུན་སྟོང་ལྔ་བརྒྱས་འཁོར། །དབུས་སུ་ཆུ་བོ་སེང་གྷ་འབབ། །རྔ་ཡབ་རྔ་གཡོག་གླིང་ཕྲན་གཉིས། །བྱང་གི་སྒྲ་མི་སྙན་གྲུ་བཞི་བ། །དཔག་ཚད་བརྒྱད་སྟོང་དག་གི་འཁོར། །སྒྲ་སྙན་སྒྲ་མི་སྙན་ཀྱི་ཟླ། །དེ་གཉིས་གླིང་གཡོག་གཡས་ཡོར་ཡོད། །དེ་ཡང་ཁྱད་པར་འཛམ་གླིང་དབུས། །རི་བོ་གངས་ཆེན་ཏི་ཙེ་ནི། །གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། །ཆུ་ཞེང་དཔག་ཚད་ལྔ་བརྒྱ་འོ། །རི་ནི་སྤོས་རི་ངད་ལྡན་དང་། །བར་ན་མཚོ་ནི་མ་དྲོས་པ། །ཆུ་ཞེང་དཔག་ཚད་ལྔ་བཅུ་བ། །ཕྱོགས་བཞིར་མཚོ་བཞི་ཡོད་པ་དང་། (མ་ཕམ་མོ་བྱ་གཡུ་མཚོ། ལ་ངད་གསེར་མཚོ། གུང་ཆུང་དངུལ་མཚོ། [16]ཟོམ་ཤང་ལྕགས་མཚོ། རྫིང་བུ་དལ་གྱིས་འབབ།) །སེམས་ཅན་བཞིའི་ཁ་ནས་ཆུ་བཞི་འབབ་པ་ནི༑ གང་གཱ་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ། །སིནྡྷུ་ལྷོ་ཕྱོགས་ཁྱུ་མཆོག(ཡོངས་གྲགས་སུ། སིནྡྷུ་ལྷོ་ཕྱོགས་རྨ་བྱའི་ཁ་ནས་འབབ)ཁ་ནས་འབབ། །པཀྵུ་ནུབ་ཕྱོགས་རྟ་ཡི་ཁ་ནས་འབབ། །སི་ཏ་བྱང་ཕྱོགས་རྨ་བྱའི(སི་ཏ་བྱང་ཕྱོགས་སེང་གེའི་ཁ་ནས་འབབ)ཁ་ནས་འབབ། །ཆུ་ཀླུང་རབ་མཆོག་བཞི་བོ་དེ་དག་ནི། །རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་། །ཆུ་ཡི་རྒྱུན་རྣམས་ཕྱོགས་བཞིར་རྒྱ་མཚོར་འགྲོ། །རྫིང་བུ་དལ་གྱིས་འབབ་པ་དང་། །ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། །དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། །དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། །ཆུ་བོ་པཀྵུ་སིནྡྷུས་རབ་བཅད་དེ། །རི་ནག་པོ་དགུས་བཅད་པའོ། །ནུབ་ཕྱོགས་དམུའི་ཡུལ། ཤར་ཕྱོགས་རྒྱའི་ཡུལ། ལྷོ་ཕྱོགས་མོན་གྱི་ཡུལ། ཤར་ལྷོ་འཇང་གི་ཡུལ། བྱང་ཕྱོགས་ལི་བལ་ཕྲོམ། བྱང་ཤར་ཧོར་གྱི་ཡུལ། གངས་ཅན་བོད་ཀྱི་ཡུལ། མི་རིགས་སུམ་བརྒྱ་དྲུག་ཅུ་གནས། ཡུལ་[17]ཆེན་བཅུ་དྲུག་དང་། ཡུལ་ཕྲན་སྟོང་དང་བཅས། དེ་དག་འཛམ་བུ་གླིང་ཡིན་ནོ། །གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། ཕྱི་སྣོད་ཅི་ལྟར་ཆགས་པའི་ལེའུ་སྟེ་གཉིས་པའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ (Gangs ti se bon gzhung rig mdzod, Amdo 2009)

sobota, 1 grudnia 2018

(1) མདོ་འདུས་ལས། ལེའུ་དང་པོ། གླེང་གཞི་ཕུན་སུམ་ཚོགས་པར་བསྟན་པ།

སྟོན་པ་ཀུན་ཏུ་བཟང་པོ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གནས་ཕུན་སུམ་ཚོགས་པ་འོག་མིན་རི་རབ་ཀྱི་རྩེ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོ་ནས། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་བོན་གྱི་སྐུ་དང་། རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པའི་[3]སྟོན་པ་གཤེན་རབ་མི་བོ། སྐུ་གསུམ་དབྱེ་བ་མེད་པ་བོན་ཉིད་བདེ་བ་ཆེན་པོ། ཡེ་ཤེས་ལྔ་ལྡན་ངང་ལ་མི་གཡོ་མཉམ་གསལ་ཏིང་ངེ་འཛིན་ལ་ལྷན་ནེ་ལྷང་ངེར་བཞུགས་སོ། །འཁོར་ཕུན་སུམ་ཚོགས་པ་ཕྱོགས་བཅུའི་སངས་རྒྱས་རྣམས་དང་། ས་བཅུའི་གཡུང་དྲུང་སེམས་དཔའ་རྣམས་དང་། འཁོར་བ་སྤངས་བའི་གཤེན་བརྒྱད་དང་། མྱ་ངན་མེད་པའི་གཤེན་བརྒྱད་དང་། གསས་ཆེན་རུ་བཞི་དང་། ཚངས་པ་གཙུག་ཕུད་དང་། དབང་པོ་བརྒྱ་བྱིན་དང་། ཐུགས་སྲས་རྨ་ལོ་གཡུ་ལོ་དང་། སྐུའི་སྲས་གཏོ་བུ་དཔྱད་བུ་དང་། གསུང་གི་སྲས་ལུང་འདྲེན་རྒྱུད་འདྲེན་དང་། ཡིད་ཀྱི་[4]ཁྱེའུ་ཆུང་དང་། གསང་བ་མདོ་སྡུད་དང་། མུ་ཆོ་ལྡེམ་དྲུག་དང་། སའི་ལྷ་མོ་བརྟན་མ་དང་། ཀླུ་མོ་ཀུན་ཤེས་མ་དང་། མེའི་ལྷ་མོ་གསལ་སྲེག་མ་དང་། རླུང་གི་ལྷ་མོ་ཡང་གཡོ་མ་དང་། སྤྲུལ་པའི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བསྐོར་ནས་བཞུགས་སོ། །དེའི་ཚེ་དེའི་དུས་ན། ལྷ་ཚངས་པ་གཙུག་ཕུད་ཀྱིས། རིན་པོ་ཆེའི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཅིག་ཕུལ་ཏེ། བོན་གྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་མ་གདབ་སྟེ། ཨེ་མ་གཤེན་རབ་ཕུལ་བྱུང་སྟོན་པ་མཆོག ཁྱེད་ཉིད་སྟོན་པ་བླ་ན་མེད། །བདུད་བཏུལ་འགྲོ་དོན་སངས་རྒྱས་ནས། །འགྲོ་བ་སེམས་ཅན་ཀུན་དོན་དུ། །ཐེག་མཆོག་བོན་གྱི་འཁོར་ལོ་ནི། །བླ་ན་མེད་པ་བསྐོར་བར་བསྐུལ། །ཞེས་ཞུས་སྟོན་པ་རབ་ཏུ་དགྱེས། །དེ་ནས་ལྷ་དབང་བརྒྱ་བྱིན་གྱིས། །གླང་ཆེན་ས་ལ་རབ་བརྟན་ཕུལ། །བྱ་ཁྱུང་ཁ་ན་ཀླུ་ཕྲུག་ཟ། །ནམ་མཁའ་[3]ལྡིང་གི་རྒྱལ་པོས་[5]ཕུལ། །སེང་གེ་ཁ་ན་གཡུ་འབྲུག་ཟ། །ལྷ་མ་ཡིན་གྱི་རྒྱལ་པོས་ཕུལ། །ཆུ་སྲིན་ཁ་ན་བྲམ་ཟེ་ཟ། །དེ་ནི་ཀླུ་ཡི་རྒྱལ་པོས་ཕུལ། །ལྷ་ཡིས་རིན་ཆེན་སྣ་བདུན་ཕུལ། །དྲི་ཟས་རོལ་མོ་སྣ་ཚོགས་ཕུལ། །མཆོད་སྤྲིན་ཆེན་པོ་མངོན་པར་བཤམས། །དང་པོ་ལྷ་ཕྱག་འཚལ་བའི་མདོའོ། །སྟོན་པ་ཀུན་ཏུ་བཟང་པོ་བོན་གྱི་སྐུ་ལ་ཕྱག་འཚལ་ལོ། །རིགས་ལྔ་བདེར་གཤེགས་ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པའི་སྟོན་པ་གཤེན་རབ་མི་བོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །ཤར་ཐར་ལམ་བདེ་འབྱེད་ལ་ཕྱག་འཚལ་ལོ། །ལྷོ་ལེགས་པ་ཀུན་འབྱུང་ལ་ཕྱག་འཚལ་ལོ། །ནུབ་སྙོམས་པ་ལྷུན་གྲུབ་ལ་ཕྱག་འཚལ་ལོ། །བྱང་སྲིད་པ་སྐོས་འདེབས་ལ་ཕྱག་འཚལ་ལོ༑ ༑ཤར་ལྷོ་ས་མཁན་ལམ་མཆོག་ལ་ཕྱག་འཚལ་ལོ། །ལྷོ་ནུབ་མ་རིག་མུན་སེལ་ལ་ཕྱག་འཚལ་ལོ༑ ༑ནུབ་བྱང་ཐམས་ཅད་མཁྱེན་གཟིགས་ལ་[6]ཕྱག་འཚལ་ལོ། །བྱང་ཤར་ཡེ་ཤེས་འབྱུང་གནས་ལ་ཕྱག་འཚལ་ལོ། །སྟེང་སྡུག་བསྔལ་ནད་སེལ་ལ་ཕྱག་འཚལ་ལོ། །འོག་ཆུ་བོ་བཞི་སྒྲོལ་ལ་ཕྱག་འཚལ་ལོ། །དབུས་ཕྱོགས་ན་མ་པང་དབྱིངས་ཆེན་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ན་འོད་དཀར་གནས་འཛིན་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ན་ཡེ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཡེ་སྲིད་ལྷ་ཆེན་ལ་ཕྱག་འཚལ་ལོ། །ལྷོ་ཁྲི་རྒྱལ་ཁུག་པ་ལ་ཕྱག་འཚལ་ལོ། །ཤར་ལྷོ་གར་གསས་བཙན་པོ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་གསས་རྗེ་རྨང་པོ་ལ་ཕྱག་འཚལ་ལོ། །ནུབ་བྱང་གནམ་གསས་དབྱིངས་རུམ་ལ་ཕྱག་འཚལ་ལོ། །བྱང་ཤར་རྒོད་གསས་ཁམ་པ་ལ་ཕྱག་འཚལ་ལོ། །སྟེང་ཕྱོགས་མཁའ་འགྱིང་དཀར་པོ་ལ་ཕྱག་འཚལ་ལོ། །ས་བཅུའི་གཡུང་དྲུང་སེམས་དཔའ་ཐུགས་རྗེ་བྱམས་གསལ་ལ་ཕྱག་འཚལ་ལོ། །ཤེས་རབ་གསལ་སྒྲོན་ལ་ཕྱག་འཚལ་ལོ། །མཐུ་དབང་སྟོབས་ཆེན་ལ་ཕྱག་འཚལ་ལོ། །གསེར་འོད་འབར་བ་ལ་ཕྱག་འཚལ་ལོ། །ནམ་མཁའ་སྣང་བྱེད་ལ་ཕྱག་འཚལ་ལོ། །མི་ཤེས་མུན་སེལ་ལ་ཕྱག་འཚལ་ལོ། [7]།སྲིད་པ་ཀུན་ཤེས་ལ་ཕྱག་འཚལ་ལོ། །སྨོན་ལམ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཡེ་ཤེས་དབང་ཐོབ་ལ་ཕྱག་འཚལ་ལོ། །འཁོར་བ་སྤངས་པའི་གཤེན་རབ་བརྒྱད་ནི། ཤར་ཕྱོགས་ཡེ་གཤེན་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་བདུད་རྩི་གྲུབ་པ་ལ་ཕྱག་འཚལ་ལོ། །ནུབ་ཐུགས་རྗེ་འགྱུར་མེད་ལ་ཕྱག་འཚལ་ལོ། །ལྷོ་ཐུགས་རྗེ་སྒྲོན་མ་ལ་ཕྱག་འཚལ་ལོ། །ཤར་ལྷོ་ཚངས་པ་གསལ་འདོན་ལ་ཕྱག་འཚལ་ལོ། །བྱང་ཤར་ལྕེ་རྒྱལ་པར་ཏི་ལ་ཕྱག་འཚལ་ལོ། །ནུབ་བྱང་ཏི་སངས་རང་ཞི་ལ་ཕྱག་འཚལ་ལོ། །ལྷོ་ནུབ་སྣང་བ་མདོག་ཅན་ལ་ཕྱག་[4]འཚལ་ལོ། །ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུཿ ཨ་ཨ་ཨད་ཨཱོྃ་སལ་སལ་ཧ་འ་ཧཱུྃ་འོད་ལམ་ལམ་ཡང་ཡང་རཾ་རཾ་ཁཾ་ཁཾ་སྲུཾ་སྲུཾ་ཨཱོྃ་ཨཱོྃ་ཨ་ལོ་སྤར་ཨ་ལམ་གསལ་ཟེར་སྤྲོས་འོད་རུམ་ཁྱབ་བདལ་སྤྲོས་པ་མཁའ་ལ་མཉམ་སྟེ་གདལ་བདལ། ཨ་ལས་ཨ་བྱུང་སྐྱེ་མེད་ཐུགས་རྗེ་ཆེ། །ཨ་དཀར་མ་རིག་མུན་པ་སངས། །སལེ་རང་དོན་འོད་ནི་གཞན་དོན་ཏེ། །ཨ་ནི་ཐིག་ལེ་བྱང་ཆུབ་སེམས། །ཡང་ནི་འདེགས་པར་བྱེད་པའོ། [8]།ཨཱོྃ་ནི་ཡེ་ཤེས་ལྔ་ཤར་བ། །འདུ་ནི་རིག་པ་བྱང་ཆུབ་སེམས། །ཨ་ལ་ཨ་སྐྱེ་དབྱིངས་ལས་ཡེ་ཤེས་སྐྱེས། །ཨ་དབྱིངས་ཡེ་ཤེས་གཉིས་མེད་ཡིན། །ཨཱོྃ་ནི་དབྱིངས་ཡུམ་ཡེ་ཤེས་ལྷ། །སལ་སལ་འགྲོ་དོན་མཛད་པའོ། །ཧ་ལས་ཨ་བསྐྱེད་ཐབས་དང་ཤེས་རབ་བོ།།ཧཱུྃ་འོད་ཐབས་དང་ཤེས་རབ་ཟུང་འཇུག་གོ །ལམ་ལམ་འགྲོ་དོན་མཛད་པའོ། །ཡཾ་རཾ་ཁཾ་ལཾ་སྲུཾ་ཨཱོྃ་ཨཱཿ ཡེ་ཤེས་ལྔ་ཤར་དཔའ་བོ་འབྲུ་ལྔའོ། །ཨ་དཀར་ཨ་རྨད་དུ་ཏྲི་སུ་ནག་པོ་ཞི་ཞི་མལ་མལ་སྭཱཧཱཿ རིགས་དྲུག་འཁོར་བ་དོང་སྤྲུགས་སོ། །སྣོད་བཅུད་འཇིག་རྟེན་མཐའ་ཡས་པ། །ནམ་མཁའ་ཇི་བཞིན་ཐུགས་རྗེས་ཁྱབ། །འགྲོ་བ་འདྲེན་སྟོན་ཉི་ཟླ་ལྟར། །འཁོར་བ་མ་སྟོང་བར་དུ་འབྱུང་། །ཐུགས་རྗེ་རྒྱུན་ཆད་མེད་པའོ། །སྟོན་པས་དེ་སྐད་གསུངས་མ་ཐག །ས་ཡང་རྣམ་པ་དྲུག་ཏུ་གཡོས། །འོད་དང་འཇའ་དང་མེ་ཏོག་ཆར། །ལྷ་ཡི་ལོངས་སྤྱོད་ཆར་དུ་བབས། །འཁོར་རྣམས་ཤེས་རབ་སྤོབས་པ་ལྡན། །ཀུན་ཀྱང་དགའ་[9]བདེ་རབ་དུ་ཐོབ། །རི་རབ་རི་ཡི་རྩེ་མོ་རུ། །འགྲོ་བ་འདུལ་བའི་གཤེན་དྲུག་སྤྲུལ། །གནས་རིགས་སུམ་ཅུ་རྩ་གསུམ་དུ། །འདུལ་བའི་བོན་པོ་སུམ་ཅུ་རྩ་གསུམ་སྤྲུལ། །འགྲོ་བ་འདུལ་བའི་ཆོ་འཕྲུལ་དུ། །བོན་ཀྱང་སྐད་འགྱུར་རེ་རེ་བཞག །གཡུང་དྲུང་ལྷའི་བོན་མདོ་འདུས་པ་རིན་པོ་ཆེའི་རྒྱུད་ལས། གླེང་གཞི་ཕུན་སུམ་ཚོགས་པའི་ལེའུ་སྟེ་དང་པོའོ།།

གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)


(0) མདོ་འདུས།

[1] [1]
།།མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་
བཀའ་ཚད་མ་བཞུགས་སོ།།

 

[2] [2] གཡུང་དྲུང་ལྷ་ཡི་སྐད་དུ། ཨ་དྲུང་སད་གྱེར་དྲུང་མུ་རད་ན་ཏན་ཏྲ་ད་དོད་ཅི། གཙང་མ་བོད་སྐད་དུ། གཡུང་དྲུང་ལྷ་ཡི་བོན། མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཅེས་བྱ་བ།  
 
གངས་ཏི་སེ་བོན་གཞུང་རིག་མཛོད་ལྟར་སྐྲུན་པ།

ཤོག་གྲངས་ནི།
Bon Foundation བོན་བཀའ་འགྱུར་ལ་པོད་སུམ་བཅུ་པ་ནས། ཨང་ཀི་དམར་པོ། (Si khron zhing chen par khrun lte gnas par 'debs khang, Chengdu 1999)
གངས་ཏི་སེ་བོན་གཞུང་རིག་མཛོད་ལ་དེབ་དང་པོ་ནས། ཨང་ཀི་སྔོན་པོ། (Gangs ti se bon gzhung rig mdzod, Amdo 2009)